来源:市场资讯

(来源:今日同仁)

打开网易新闻 查看精彩图片
打开网易新闻 查看精彩图片
打开网易新闻 查看精彩图片
打开网易新闻 查看精彩图片

快乐过暑假

安全不“放假”

同仁公安交管

致全市学生及家长的一封信

尊敬的家长,亲爱的学生们:

你们好!

夏日悠长,蝉鸣阵阵,暑假已至。学生们即将开启轻松愉快的假期时光。然而,假期也是交通事故的高发期,交通安全至关重要。为了让大家度过一个平安、快乐的暑假,特向您发出以下温馨提示:

一、坚决拒绝酒驾,更要劝阻酒驾。

“酒后驾车猛于虎,家人泣泪盼归途”。酒后驾车不仅给自身,也给他人带来危险,当感到后悔,已追悔莫及。酒驾的标准:驾驶人体内酒精含量大于或等于20mg/100ml,小于80mg/100ml的为酒后驾驶,大于或等于80mg/100ml为醉酒驾驶。《中华人民共和国道路交通安全法》第九十一条规定:“饮酒后驾驶机动车的,处暂扣六个月机动车驾驶证,并处一千元以上两千元以下罚款。因饮酒后驾驶机动车被处罚,再次饮酒后驾驶机动车的,处十日以下拘留,并处一千元以上二千元以下的罚款,吊销机动车驾驶证。醉酒驾驶机动车的,吊销机动车驾驶证,依法追究刑事责任,五年内不得重新取得机动车驾驶证。饮酒(或醉酒)后驾驶机动车发生重大交通事故,构成犯罪的,依法追究刑事责任,并由公安机关交通管理部门吊销机动车驾驶证,终生不得重新取得机动车驾驶证”。请各位学生和家长们牢记“生命无价,酒后禁驾”“醉驾要追刑,切勿心存侥幸”,莫让酒驾毁了美好的前程。

二、拒绝无证驾驶,放假不放“驾”。

驾驶电动自行车必须年满16周岁,规范正确佩戴安全头盔;驾驶汽车、摩托车必须年满18周岁,且持有机动车驾驶证,规范正确系安全带、佩戴安全头盔。驾驶车辆上道路行驶,应严格遵守交通法规,做到安全文明行车。《中华人民共和国道路交通安全法》第九十九条规定:“未取得机动车驾驶证驾驶机动车的,由公安机关交通管理部门处二百元以上二千元以下的罚款,可以并处十日以下的拘留”。《中华人民共和国道路交通安全法》第九十九条第二项规定:“将机动车交由未取得机动车驾驶证的人驾驶的,由公安机关交通管理部门处二百元以上二千元以下罚款,可以并处吊销机动车驾驶证”。请各位家长务必管好车钥匙,切勿将私家车、摩托车交给孩子驾驶。请同学们主动拒绝无证驾驶,对自己的人生负责。

三、拒绝“飙车炸街”,争当文明“驶”者。

马路不是竞技场,也不是游乐园,非法“飙车炸街”不但噪音扰民,而且严重扰乱交通秩序,危害公共安全,存在严重交通安全隐患,应坚决杜绝非法改装车辆、追逐竞驶、“炸街”扰民等交通违法行为。《中华人民共和国道路交通安全法》第十六条规定:“任何单位或者个人不得拼装机动车或者擅自改变机动车已登记的结构、构造或者特征”;第一百条规定:“驾驶拼装的机动车或者已达到报废标准的机动车上道路行驶的,公安机关交通管理部门将予以收缴,强制报废。对驾驶人处二百元以上二千元以下罚款,并吊销机动车驾驶证”。

四、乘坐正规车辆,安全文明出行

外出聚会或旅游出行,放松心情时,请勿放松“安全”。《中华人民共和国道路交通安全法》第五十一条:“机动车行驶时,驾驶人、乘坐人员应当按规定使用安全带;摩托车驾驶人及乘坐人员应当按规定戴好安全头盔”。自觉杜绝搭乘报废车辆及无牌、无证车辆,严禁乘坐超员超载车辆或货车、农用三轮车等非客运车辆。遇交通事故或突发情况时,请保持冷静,采取正确的自我保护措施,并及时拨打110、119、122、120求助。

五、过街莫随意穿行,横过道路要专注。

过马路要走人行横道或人行天桥、下穿通道等过街设施,做到“一停、二看、三通过”,不得在马路上嬉戏打闹、追赶车辆。《中华人民共和国道路交通安全法》第六十一条、六十二条规定:“行人应当在人行道内行走,没有人行道的靠路边行走。行人通过路口或者横过道路,应当走人行横道或者过街设施。通过有交通信号灯的人行横道,应当按照交通信号灯指示通行。通过没有交通信号灯、人行横道的路口,或者在没有过街设施的路段横过道路,应当在确认安全后通过”。

道路千万条,安全第一条。交通安全是人生“必修课”,需要终身学习。希望学生和家长们高度重视交通安全,严格遵守交通法律法规,提高“知危险、会避险”自我保护能力,杜绝交通违法陋习。让我们携手,做好学生交通安全教育工作,共同营造安全、文明、有序的交通环境。

同仁市公安局交通管理大队

2026年7月24日

打开网易新闻 查看精彩图片
打开网易新闻 查看精彩图片
打开网易新闻 查看精彩图片
打开网易新闻 查看精彩图片
打开网易新闻 查看精彩图片

སློབ་མ་དང་ཁྱིམ་བདག་རྣམས་ལ་བཏོན་པའི་

གྲོས་འདོན་ཡི་གེ།

གུས་པར་འོས་པའི་ཁྱིམ་བདག་དང་སྙིང་ཉེ་བའི་སློབ་གྲོགས་ཚོ།

སློབ་སྐབས་གཅིག་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར་སློབ་གྲོགས་ཚོས་ཡུན་རིང་རེ་སྒུག་བྱས་པའི་དབྱར་གནང་གཞི་ནས་སླེབས་བྱུང་།གཉེན་ཉེ་དང་གྲོགས་པོ་འདུ་འཛོམས་དང་ཡང་ན་མཉམ་དུ་ཡུལ་སྐོར་ལ་འགྲོ་བ་སོགས་བྱེད་སྲིད། འོན་ཀྱང་ལུས་སེམས་ལྷོད་ལྷོད་བྱེད་པ་དང་མཉམ་དུ་བདེ་འཇགས་ངང་ཕྱིར་སྐྱོད་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས། སྟབས་ལེགས་སྟེས་དབང་གི་བསམ་པས་མ་འོངས་པའི་མདུན་ལམ་བཟང་པོ་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་དང་། འགྲོ་སྐྱོད་ཉེན་ཁ་ལས་གཡོལ་རྒྱུར་དོ་སྣང་བྱེད་པ། འགྲིམ་འགྲུལ་བདེ་འཇགས་སེམས་ལ་བརྟན་པོར་འཛིན་རྒྱུ་དང་ལག་ལེན་བསྟར་རྒྱུ་བཅས་བྱེད་པ་ལས། འགྲིམ་འགྲུལ་བདེ་འཇགས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།

གཅིག ཆང་འཐུང་ནས་རླངས་འཁོར་མི་བསྐོར་བ་མ་ཟད།ཆང་འཐུང་ནས་རླངས་འཁོར་བསྐོར་བ་བཀག་འགོག་བྱེད་དགོས།

ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་ལ་ཁྱིམ་མིར་དེ་ལས་ལྷག་པའི་དཀའ་སྡུག་བཟོ་སྲིད། ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་རང་གཞན་གཉིས་ཀར་ཉེན་ཁ་བཟོ་སྲིད་པས།རྗེས་ནས་འགྱོད་པ་སྐྱེས་ན་བླུན་པོའི་རྟགས་ཡིན།ཆང་འཐུང་ནས་རླངས་འཁོར་བསྐོར་བའི་ཚད་གཞི་ནི།ཁ་ལོ་བ་ལུས་སྟེང་གི་ཆང་བཅུད་འདུས་ཚད20mg/100mlལས་ཆེ་བའམ་ཡང་ན་མཚུངས་པ།80mg/100mlལས་ཆུང་བ་ནི་ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་།80mg/100mlལས་ཆེ་བའམ་ཡང་ན་མཚུངས་པ་ནི་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བར་བརྩི་བ་ཡིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་གཅིག་པའི་ནང་གཏན་འབེབས་བྱས་དོན།“ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་རིགས་ལ་དུས་སྐབས་ཟླ་བ་དྲུག་རིང་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་བྱེད་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ཆིག་སྟོང་ཡན་ནས་སྒོར་ཉིས་སྟོང་མན་གཅོད་རྒྱུ།ཆང་འཐུང་རྗེས་རླངས་འཁོར་བསྐོར་བར་ཆད་པ་བཅད་རྗེས།སླར་ཡང་ཆང་འཐུང་ནས་རླངས་འཁོར་བསྐོར་བའི་རིགས་ལ་ཉིན་བཅུ་མན་བཀག་ཉར་བྱེད་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ཆིག་སྟོང་ཡན་ནས་སྒོར་ཉིས་སྟོང་མན་གཅོད་རྒྱུ་མ་ཟད། ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་བྱེད་རྒྱུ། ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་རིགས་ལ། རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་དང་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་རྒྱུ། ད་དུང་ལོ་ལྔའི་ནང་སླར་ཡང་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག ཆང་འཐུང(ཡང་ན་བཟི་བ)རྗེས་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉེས་གསོག་ཏུ་གྲུབ་ཚེ།ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་རྒྱུ་མ་ཟད།སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་བྱས་ནས་མི་ཚེ་གང་བོར་བསྐྱར་དུ་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པ”བྱས་ཡོད།སློབ་མ་དང་ཁྱིམ་བདག་རྣམས་ཀྱིས“ཚེ་སྲོག་ལ་རིན་ཐང་བྲལ་བས།ཆང་འཐུང་རྗེས་རླངས་འཁོར་མི་བསྐོར་བ”དང་།“ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཉེས་ཆད་བདའ་འདེད་བྱེད་དགོས་པས། སྟེས་དབང་གི་སེམས་པ་ཡོད་མི་རུང་བ”བློ་ལ་བརྟན་པོར་འཛིན་པ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་ཏེ་སློབ་མ་ཚོའི་མཛེས་སྡུག་ལྡན་པའི་མདུན་ལམ་བརླག་ཏུ་འཇུག་མི་རུང་།

གཉིས།ལག་ཁྱེར་མེད་པར་རླངས་འཁོར་མི་བསྐོར་བ། གུང་གསེང་སྐབས་རླངས་འཁོར་མི་བསྐོར་བ།

གློག་སྒུལ་ལྕགས་རྟ་བསྐོར་ན་ངེས་པར་དུ་ལོ16ལ་སླེབས་དགོས་པ་དང་། བདེ་འཇགས་ཞྭ་མོ་ཚད་ལྡན་ཡང་དག་སྒོས་གྱོན་དགོས། རླངས་འཁོར་དང་འཕྲུལ་རྟ་བསྐོར་ན་ངེས་པར་དུ་ལོ18ལ་སླེབས་དགོས་པ་དང་། ཁ་ལོ་བའི་ལག་ཁྱེར་ཡོད་དགོས་པ་མ་ཟད། བདེ་འཇགས་ཉེན་སྲུང་དང་བདེ་འཇགས་ཞྭ་མོ་ཚད་ལྡན་ཡང་དག་སྒོས་གྱོན་དགོས། རླངས་འཁོར་གཞུང་ལམ་ཐོག་སྐྱོད་སྐབས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ནས་བདེ་འཇགས་དང་དཔལ་ཡོན་ལྡན་པའི་སྒོ་ནས་རླངས་འཁོར་བསྐོར་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་དགུ་པར། “ལག་ཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་བསྐོར་བའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་ཉིས་བརྒྱ་ཡན་དང་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། དུས་མཉམ་དུ་ཉིན་བཅུ་མན་གྱི་བཀག་ཉར་བྱས་ཆོག”པ་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་དགུ་པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། “རླངས་འཁོར་ཁ་ལོ་བའི་ལག་ཁྱེར་མེད་པའི་མིར་བསྐོར་དུ་བཅུག་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་བྱེད་རྒྱུའི་ཉེས་ཆད་བཅད་ཆོག”པ་གཏན་འབེབས་བྱས་ཡོད།

གསུམ།འུར་སྒྲ་ཆེན་པོས་རླངས་འཁོར་མི་གཏོང་བ།དཔལ་ཡོན་ལྡན་པའི་རླབས་འཁོར་ཁ་ལོ་བ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས།

གཞུང་ལམ་ནི་འགྲན་རྩལ་ར་བ་ཞིག་མིན་ལ་རོལ་རྩེད་སྤྲོ་སྐྱིད་གླིང་ཡང་མིན་པས། ཁྲིམས་འགལ་ངང་རླངས་འཁོར་འགྲན་རྒྱུགས་ཀྱིས་སྲང་ལམ་འུར་ཟིང་བཟོས་ནས་མང་ཚོགས་ལ་བར་ཆད་བཟོས་པ་མ་ཟད། འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་སྲིད། འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་སྲིད་པའི་ཉེན་ཁ་གནས་ཡོད་ལ། ད་དུང་ཁྲིམས་འགལ་གྱིས་རླངས་འཁོར་བཅོས་སྒྲིག་དང་། རྗེས་འདེད་རྒྱུགས་འགྲན་བྱེད་པ། འུར་སྒྲ་ཆེན་པོས་མང་ཚོགས་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་ཁྲིམས་འགལ་འགྲིམ་འགྲུལ་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དྲུག་པར། “སྡེ་ཁག་གམ་མི་སྒེར་གང་རུང་གིས་རླངས་འཁོར་སྒྲིག་སྦྱོར་བྱས་པའམ་ཡང་ན་རླངས་འཁོར་ཐོ་འགོད་བྱས་ཟིན་པའི་གྲུབ་ཚུལ་ཁྱད་ཆོས་བཅས་རང་དགར་བསྒྱུར་མི་ཆོག”པ་གཏན་འབེབས་བྱས་ཡོད། དོན་ཚན་བརྒྱ་པར། “སྒྲིག་སྦྱོར་བྱས་པའི་འཕྲུལ་སྒུལ་འཁོར་རིགས་སམ་བེད་མེད་སྐྱུར་འཇོག་གི་ཚད་གཞིར་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་གཞུང་ལམ་ཐོག་བསྐྱོད་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱས་ནས་བཙན་ཤེད་ཀྱིས་བེད་མེད་དུ་གཏོང་རྒྱུ་དང་། ཁ་ལོ་བར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་བྱེད་རྒྱུ”གཏན་འབེབས་བྱས་ཡོད།

བཞི། ཚད་ལྡན་གྱི་རླངས་འཁོར་ལ་བསྡད་ནས་བདེ་འཇགས་དཔལ་ཡོན་ལྡན་པའི་སྒོ་ནས་འགྲོ་སྐྱོད་བྱེད་དགོས།

ཕྱི་ནས་འདུ་འཛོམས་བྱེད་པའམ་ཡང་ན་ཡུལ་སྐོར་ལ་འགྲོ་སྐབས “བདེ་འཇགས”ལ་དོ་སྣང་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་གཅིག་པར། “རླངས་འཁོར་བསྐོར་སྐབས་ཁ་ལོ་བ་དང་རླངས་འཁོར་ལ་འདུག་མཁན་གྱིས་གཏན་འབེབས་ལྟར་ཉེན་སྲུང་སྐྱོབ་ཐག་སྤྱོད་དགོས་པ་དང་། འཕྲུལ་རྟའི་ཁ་ལོ་བ་དང་དེར་སྡོད་མཁན་གྱིས་གཏན་འབེབས་ལྟར་བདེ་འཇགས་ཞྭ་མོ་གྱོན་དགོས”། རང་རྟོགས་ངང་བེད་མེད་སྐྱུར་འཇོག་གི་རླངས་འཁོར་རིགས་དང་། འཁོར་བྱང་མེད་པ། ལག་ཁྱེར་མེད་པའི་རླངས་འཁོར་རིགས་ལ་སྡོད་རྒྱུ་གཏན་འགོག་བྱེད་དགོས། ད་དུང་མི་འདུག་ཚད་ལས་བརྒལ་བ་དང་ཐེག་ཚད་ལས་བརྒལ་བའི་འཁོར་རིགས་སམ་ཟོང་འདྲེན་རླངས་འཁོར་དང་རྐང་གསུམ་འཁོར་ལོ་སོགས་འགྲུལ་སྐྱེལ་མིན་པའི་རླངས་འཁོར་ལ་སྡོད་རྒྱུ་གཏན་འགོག་བྱེད་དགོས། འགྲིམ་འགྲུལ་དོན་རྐྱེན་སམ་ཡང་ན་གློ་བུར་གྱི་གནས་ཚུལ་ལ་འཕྲད་སྐབས། ཞི་ལྷོད་ངང་ཡང་དག་པའི་རང་སྲུང་བྱེད་ཐབས་སྤྱོད་དགོས་པ་མ་ཟད། དུས་ཐོག་ཏུ110དང་། 119། 122། 120བཅས་ལ་ཁ་པར་བཏང་ནས་རོགས་སྐྱོབ་བྱེད་དུ་འཇུག་དགོས།

ལྔ། རྒྱ་ལམ་བརྒལ་སྐབས་གཡས་གཡོན་གཉིས་ལ་ལེགས་པོ་བལྟ་དགོས།

གཞུང་ལམ་བརྒལ་ན་རྐང་ཐང་བགྲོད་ལམ་མམ་མཁའ་ཟམ་དང་། དོང་ལམ་སོགས་བརྒྱུད་ནས་འགྲོ་སྐྱོད་བྱེད་དགོས། གཞུང་ལམ་ཐོག་རྩེད་མོ་རྩེད་རྒྱུ་དང་རླངས་འཁོར་གྱི་རྗེས་འདེད་པ་སོགས་བྱེད་མི་རུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་རེ་གཅིག་དང་རེ་གཉིས་ནང་གཏན་འབེབས་བྱས་དོན། “རྐང་ཐང་བ་མི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། མི་བགྲོད་ལམ་མེད་ན་ལམ་འགྲམ་ནས་འགྲོ་དགོས། རྐང་ཐང་བ་ལམ་མདོ་དང་ཡང་ན་གཞུང་ལམ་བརྒལ་ནས་འགྲོ་སྐབས། མི་བགྲོད་ལམ་དང་མཁའ་ཟམ་སོགས་བརྒྱུད་ནས་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་ཡོད་པའི་འཕྲེད་ལམ་བརྒྱུད་དུས་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་མཛུབ་སྟོན་ལྟར་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་མེད་པའི་བགྲོད་ལམ་ནས་བརྒྱུད་སྐབས་བདེ་འཇགས་ལ་དོ་སྣང་སྒོས་བསྐྱོད་དགོས”

བགྲོད་ལམ་གང་དུ་བསྐྱོད་ཀྱང་བདེ་འཇགས་ནི་ཨང་དང་པོ་ཡིན། འགྲིམ་འགྲུལ་བདེ་འཇགས་ནི་མི་ཚེའི་ནང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་པས་མི་ཚེ་གང་བོར་སློབ་སྦྱོང་བྱེད་དགོས། སློབ་མ་དང་ཁྱིམ་བདག་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ཏེ“ཉེན་ཁར་ཤེས་རྟོགས་དང་ཉེན་ཁ་གཡོལ་ཤེས་པའི”རང་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་གོམས་གཤིས་ངན་པ་གཏན་འགོག་བྱེད་རྒྱུའི་རེ་བ་བཏོན་པ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོའི་ལས་དོན་ལེགས་པོ་བསྒྲུབས་ནས་བདེ་འཇགས་དང་དཔལ་ཡོན། གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་ཅིག་མཉམ་དུ་བསྐྲུན་དགོས།

ཐུན་རིན་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན།

2026ལོའི་ཟླ7པའི་ཚེས་24ཉིན།

打开网易新闻 查看精彩图片

监制:才旦卓玛

审核:王晓青

责编:周 璇

编辑:完德措

来源:同仁市公安局交通管理大队