来源:市场资讯
(来源:贵德之声)
广大农牧民朋友:
2026年是进入常态化帮扶阶段的第一年,按照党中央、国务院决策部署和省委、省政府工作要求,我们建立了常态化返贫致贫监测帮扶机制,农牧区群众中(含易地扶贫搬迁及同步搬迁等已转为城镇户籍没有享受城镇居民相关保障措施和待遇的人口),因病因残因灾因意外事故等出现返贫致贫风险的,以家庭为单位,经相关程序认定为防止返贫致贫对象(以下简称:防贫对象)。现将有关政策要点告知如下。
一、申请条件
防止返贫致贫对象以家庭为单位,原则上为农村户籍。综合参考全省当年度防止返贫致贫监测收入标准(2026年全省统一标准为年家庭人均可支配收入8700元),综合考虑收入、刚性支出、突出困难问题和自主应对能力等情况,扣除刚性支出后家庭人均收入低于我省年度防止返贫致贫收入标准,且依靠自身能力难以解决“两不愁三保障”(不愁吃、不愁穿,义务教育、基本医疗、住房安全有保障)和饮水安全保障等方面返贫致贫风险的农牧区群众,一般均认定为防贫对象。存在以下返贫致贫风险之一的可申请防贫对象。
1.唯一住房出现安全隐患,家庭无力修缮;
2.存在饮水困难(断水、水质不达标、取水距离远),家庭无力解决;
3.家庭成员患重大疾病、慢性病,医疗自付费用较高,家庭负担沉重;
4.子女教育刚性支出较大,家庭无力负担;
5.家庭因意外事故、自然灾害、主要劳动力重病或致残、产业受灾或失败、务工就业不稳等,造成收入大幅减少或刚性支出显著增加,基本生活出现严重困难。
二、申请方式(本人或委托他人均可申报)
1.线下:委托村干部、第一书记和驻村工作队员、包村干部等代为申报。易地搬迁群众和随迁群众向所在安置区(点)申请。村级党群服务中心或县乡便民服务大厅工作窗口申报。
2.电话:拨打12345政务服务便民热线,接通人工服务后,明确告知工作人员“自主申报防贫对象”,按提示登记个人基本信息申报。或拨打县级协作帮扶办0974-8553290电话咨询。
②点击“防贫对象申报”按钮,进入身份验证页。
③选择“自主申报”或“他人代办”,如实填写本人姓名、身份证号、手机号码,并选择户籍所在地信息。
④填写完成后,点击“提交申报”按钮,即可完成申报,系统将显示“提交成功”有关提示并自动返回小程序主页。申报情况可在“防贫对象查询”中查看。
三、申请须知
1.如申请返贫致贫对象,需配合我们开展入户核实,如实准确提供家庭和成员有关情况信息,并授权我们依法依规核查家庭成员的收入、财产等相关信息,经村级评议公示、乡镇审核后,由县级批准公告后认定为防贫对象。
2.如已认定为防贫对象,我们将根据返贫致贫风险因素、家庭劳动力状况和发展意愿等,从住房安全保障、饮水安全保障、健康帮扶、教育帮扶、产业帮扶、就业帮扶、金融帮扶、综合保障、社会帮扶等方面实施针对性帮扶。
3.通过针对性帮扶后,防贫对象稳定实现“两不愁三保障”和饮水安全保障,大额刚性支出问题稳定解决,扣除刚性支出后家庭人均收入稳定超过年度防止返贫致贫收入标准,返贫致贫风险稳定消除或自然消除后,经入户核实、村级评议公示、乡镇审核后,由县级批准公告退出。
4.防贫对象按程序退出后,不再重点监测和针对性帮扶;如后续家庭出现新的返贫致贫风险,可再次提出申请后按程序认定防贫对象。
我们相信,在大家的共同努力下,通过落实防止返贫致贫监测帮扶政策,遇到的困难问题一定能够得到及时有效解决。希望广大农牧民朋友们能够自力更生,感恩奋进,通过自己的努力不断改善生活状况,用自己的双手勤劳致富,让生活更上一层楼!
ཁྲི་ཀ་རྫོང་གིས་དབུལ་ཕོངས་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་རེ་ཞུའི་སྲིད་ཇུས“ཤེས་རྟོགས་ཤོག་བུ ”།
རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་རྣམ་པ།
2026ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་མཚམས་སུ་སླེབས་པའི་ལོ་དང་པོ་ཡིན།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར།ང་ཚོས་རྒྱུན་རྣམ་ཅན་གྱི་དབུལ་ཕོངས་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་པ་དེས།ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་(ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དང་དུས་མཉམ་དུ་གནས་སྤོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོར་བསྒྱུར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འབྲེལ་ཡོད་འགན་སྲུང་བྱེད་ཐབས་དང་ཐོབ་ཐང་ལོངས་སྤྱོད་བྱས་མེད་པའི་མི་འབོར)ནད་ལྗིད་མོ་བྱུང་བ་དང་།དབང་པོར་སྐྱོན་བྱུང་བ།གནོད་འཚེ་ཐེབས་པ།བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བ་བཅས་ཀྱིས་དབུལ་ཕོངས་བསྐྱར་ལོག་དང་དབུལ་འགྱུར་གྱི་ཉེན་ཁ་ཐོབ་པ་རྣམས་ཁྱིམ་ཚང་གཞི་རྩར་བཟུང་ནས་འབྲེལ་ཡོད་ལས་རིམ་བརྒྱུད་དེ་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་ཡུལ་མིར་ངོས་འཛིན་བྱེད་ཆོག(བསྡུས་མིང་ལ་དབུལ་འགོག་བྱ་ཡུལ་)འབྲེལ་ཡོད་སྲིད་ཇུས་ཀྱི་གཙོ་གནད་གཤམ་གསལ་ལྟར།
གཅིག རེ་ཞུའི་ཆ་རྐྱེན།
དབུལ་ཕོངས་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་ནི་ཁྱིམ་ཚང་ཚན་པར་བྱེད་པ་དང་།རྩ་དོན་ནི་ཞིང་གྲོང་གི་ཁྱིམ་ཐོ་ཡིན་དགོས།ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ཡོང་འབབ་ཀྱི་ཚད་གཞི(2026ལོར་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ནི་ལོ་རེའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8700ཡིན)ཕྱོགས་བསྡུས་དཔྱད་གཞིར་འཛིན་པ་དང་།ཡོང་འབབ་དང་།འགྱུར་མེད་ཀྱི་གཏོང་སྒོ།དཀའ་ངལ་མངོན་གསལ་དོད་པའི་གནད་དོན།རང་བརྟེན་ཁ་གཏད་གཅོག་ནུས་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ།འགྱུར་མེད་ཀྱི་གཏོང་སྒོ་ཕུད་པའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཞིང་ཆེན་གྱི་ལོ་འཁོར་འདིའི་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་བྱེད་པའི་ཡོང་འབབ་ཚད་གཞི་ལས་དམའ་བ་མ་ཟད། རང་ངོས་ཀྱི་ནུས་པར་བརྟེན་ནས“སེམས་ཁྲལ་གཉིས་མེད་དང་འགན་སྲུང་གསུམ”(ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་འགན་སྲུང་ཐུབ་པབཅས)་དང་འཐུང་ཆུའི་བདེ་འཇགས་འགན་སྲུང་སོགས་ཀྱི་ཐད་སླར་ཡང་དབུལ་ལོག་དང་དབུལ་འགྱུར་ཀྱི་ཉེན་ཁ་ཡོད་པའི་ཞིང་འབྲོག་མང་ཚོགས་རྣམས་སྤྱིར་བཏང་དུ་ཚང་མ་དབུལ་འགོག་བྱ་ཡུལ་གྱི་ཁོངས་སུ་ངོས་འཛིན་བྱེད་དགོས།གཤམ་གྱི་དབུལ་ཕོངས་སུ་འགྱུར་བའི་ཉེན་ཁའི་གྲས་ཤིག་ཡོད་ཚེ།དབུལ་འགོག་བྱ་ཡུལ་ལ་རེ་ཞུ་བྱས་ཆོག
1.སྡོད་ཁང་གཅིག་པུ་དེར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་ནས་ཁྱིམ་ཚང་ལ་ཉམས་གསོ་བྱེད་ནུས་མེད་པ།
2.འཐུང་ཆུའི་དཀའ་ངལ་ཡོད་པ་དང་(ཆུ་ཆད་པ་དང་།ཆུའི་སྤུས་ཚད་ཚད་མི་ལོན་པ།ཆུ་ལེན་པའི་བར་ཐག་རིང་བ)ཁྱིམ་ཚང་ལ་ཐག་གཅོད་བྱེད་ནུས་མེད་པ།
3.ཁྱིམ་ཚང་གི་ཁོངས་མིར་ནད་ཆེན་དང་གཅོང་ནད་ཚབས་ཆེན་ཕོག་པ་དང་།སྨན་བཅོས་རང་སྤྲོད་ཀྱི་འགྲོ་གྲོན་ཅུང་མཐོ་བ།ཁྱིམ་ཚང་གི་ཁུར་པོ་ལྕི་བ་བཅས་དང་།
4.བུ་ཕྲུག་གི་སློབ་གསོའི་ཐད་ལ་མ་དངུལ་གཏོང་ཤུགས་ཆེ་ཙམ་ཡོད་པས་ཁྱིམ་ཚང་གི་ཁུར་པོ་འཁུར་ནུས་མེད་པ།
5.ཁྱིམ་ཚང་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དང་།རང་བྱུང་གནོད་འཚེ།ངལ་རྩོལ་ནུས་ཤུགས་གཙོ་བོར་ནད་གཞི་ཚབས་ཆེན་ཕོག་པའམ་ཡང་ན་དབང་པོ་སྐྱོན་ཅན་དུ་གྱུར་པ།ཐོན་ལས་ལ་གནོད་འཚེ་ཕོག་པའམ་ཡང་ན་ཕམ་ཉེས་བྱུང་བ།ལས་མི་ལས་ཞུགས་བརྟན་པོ་མེད་པ་སོགས་ཀྱི་རྐྱེན་གྱིས་ཡོང་འབབ་ཆེས་ཆེར་ཉུང་དུ་ཕྱིན་པའམ་ཡང་ན་འགྱུར་མེད་ཀྱི་གཏོང་སྒོ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་ཡོད་པ།
གཉིས། རེ་འདུན་ཞུ་སྟངས།(རང་ཉིད་དམ་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ནས་སྙན་ཞུ་འབུལ་ཆོག)
1.དྲ་འོག་ནས་གྲོང་ཚོའམ་སྡེ་བའི་ལས་བྱེད་པ་དང་།ཧྲུའུ་ཅི་དང་པོ།གྲོང་སྡོད་ལས་དོན་རུ་མི།གྲོང་ཚོ་འགན་གཙང་ལེན་གྱི་ལས་བྱེད་པ་སོགས་ལ་སྙན་ཞུ་འབུལ་ནས་ཚབ་ཏུ་མངགས་བཅོལ་བྱེད་ཆོག །ཡུལ་གཞན་དུ་གནས་སྤོས་མང་ཚོགས་དང་མཉམ་དུ་གནས་སྤོས་བའི་མང་ཚོགས་ཀྱིས་གནས་སའི་བཀོད་སྒྲིག་ཁུལ(ས་ཚིགས)ལ་རེ་ཞུ་བྱེད་དགོས།སྡེ་བའི་རིམ་པའི་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སམ་ཡང་ན་རྫོང་དང་ཤང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ལས་ཀའི་སྐར་ཁུང་ནས་རེ་ཞུ་བྱེད་དགོས།
2.ཁ་པར།སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345བརྒྱབ་ནས་མི་ཐབས་ཀྱི་ཞབས་ཞུ་སྦྲེལ་མཐུད་བྱས་རྗེས་ལས་དོན་མི་སྣར“རང་བརྟེན་ངང་དབུལ་འགོག་བྱ་ཡུལ་རེ་ཞུ་བྱེད་དགོས”ཞེས་གསལ་པོ་བཤད་དེ་མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་རེ་ཞུ་ཐོ་འགོད་བྱེད་དགོས།ཡང་ན0974-8553290ལ་ཁ་པར་བརྒྱབ་ནས་རེ་ཞུའང་བྱེད་ཆོག
3.དྲ་ཐོག་ཏུ་རང་བརྟེན་བཤེར་འབེབས་བྱས་པའི་རྩ་གཉིས་ཨང་རྟགས་ཀྱིས་གཞི་རྩའི་གནས་ཚུག་འབྲི་བའམ་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ནས་གཞི་རྩའི་གནས་ཚུལ་བཤེར་འབེབས་བྱས་རྗེས་སྙན་ཞུ་འབུལ་དགོས།
①ལག་བཟུང་ཁ་པར་གྱི་སྐད་འཕྲིན་ཁ་ཕྱེ་ནས་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱེད་པ།
②“དབུལ་འགོག་བྱ་ཡུལ་གྱི་རེ་ཞུའི་”མཐེབ་གནོན་མནན་ནས་ཐོབ་ཐང་ར་སྤྲོད་ཀྱི་ཤོག་ལྷེ་ནང་འཇུག་དགོས།
③“རང་བརྟེན་འདུན་ཞུ”དང་ཡང་ན་“མི་གཞན་གྱིས་ཚབ་སྒྲུབ”བྱས་ནས་རང་ཉིད་ཀྱི་མིང་དང་།ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།ལག་ཐོགས་ཁ་པར་གྱི་ཨང་གྲངས་བཅས་ཇི་མ་ཇི་བཞིན་འབྲི་དགོས་པ་དང་ཁྱིམ་ཐོ་གནས་སའི་གནས་ཚུལ་འདེམས་དགོས།
④བྲིས་ཚར་རྗེས“རེ་ཞུ་འབུལ་བའི”མཐེབ་གནོན་མནན་ཚེ་རེ་ཞུ་ལེགས་གྲུབ་ཐུབ་པ་དང་།མ་ལག་གིས“འབུལ་སྤྲོད་ལེགས་གྲུབ་བྱུང་བའི”འབྲེལ་ཡོད་དྲན་སྐུལ་མངོན་པ་དང་འབྲེལ་རང་འགུལ་ངང་གོ་རིམ་ཆུང་ངུའི་ཤོག་ངོས་གཙོ་བོར་ཕྱིར་ལོག་བྱ་རྒྱུ་རེད།རེ་ཞུའི་གནས་ཚུལ་དེ“དབུལ་འགོག་བྱ་ཡུལ་གྱི་འདྲི་ཞིབ”ཁྲོད་ལྟ་ཞིབ་བྱེད་ཆོག
གསུམ།རེ་འདུན་ཞུ་བར་ངེས་པར་དུ་ཤེས་དགོས་བ།
1.གལ་སྲིད་དབུལའགོག་བྱ་ཡུལ་གྱི་རེ་ཞུ་བྱས་རྗེས་ང་ཚོ་དུད་ཚང་དུ་བསྐྱོད་དེ་ཞིབ་དཔྱད་བྱ་རྒྱུར་གཞོགས་འདེགས་བྱས་ཏེ་ཁྱིམ་ཚང་དང་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་མ་ཟད།ང་ཚོར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྱིམ་ཚང་གི་ཁོངས་མིའི་ཡོང་འབབ་དང་རྒྱུ་ནོར་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཞིབ་བཤེར་བྱ་རྒྱུའི་དབང་ཆ་སྤྲད་དེ་གྲོང་སྡེ་རིམ་པས་དཔྱད་མོལ་ཡོངས་བསྒྲགས་དང་།ཤང་གྲོང་གིས་ཞིབ་བཤེར་བྱས་རྗེས།རྫོང་རིམ་པའི་ཆོག་མཆན་ཐོབ་ནས་སྤྱི་བསྒྲགས་བྱས་རྗེས་དབུལ་འགོག་བྱ་ཡུལ་དུ་གཏན་འཁེལ་བྱེད་དགོས།
2.གལ་ཏེ་དབུལ་འགོག་བྱ་ཡུལ་དུ་ངོས་འཛིན་བྱས་ཟིན་ན།ང་ཚོས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁའི་རྒྱུ་རྐྱེན་དང་།ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཀྱི་གནས་ཚུལ།འཕེལ་རྒྱས་ཀྱི་འདོད་བློ་སོགས་ལ་གཞིགས་ནས་སྡོད་ཁང་བདེ་འཇགས་འགན་ལེན་དང་།འཐུང་ཆུའི་བདེ་འཇགས་འགན་ལེན།བདེ་ཐང་རོགས་སྐྱོར།སློབ་གསོའི་རོགས་སྐྱོར།ཐོན་ལས་རོགས་སྐྱོར།ལས་ཞུགས་རོགས་སྐྱོར།དངུལ་རྩའི་རོགས་སྐྱོར།ཕྱོགས་བསྡུས་འགན་ལེན།སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ཐད་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་རྒྱུ་ཡིན།
3.དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱས་རྗེས་དབུལ་པོ་སྔོན་འགོག་བྱ་ཡུལ་ལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་བརྟན་པོ་བྱུང་བ་དང་།གྲངས་འབོར་ཆེ་བའི་འགྱུར་མེད་ཀྱི་གཏོང་སྒོའི་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱས་པ།འགྱུར་མེད་ཀྱི་གཏོང་སྒོ་འཐེན་རྗེས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་འཁོར་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ཡོང་འབབ་ཚད་གཞི་ལས་བརྒལ་བ།དབུལ་པོར་གྱུར་པའི་ཉེན་ཁ་བརྟན་པོའི་ངང་མེད་པར་བཟོས་རྗེས།དུད་ཚང་དུ་བསྐྱོད་དེ་ཞིབ་བསྡུར་དང་།གྲོང་སྡེ་རིམ་པའི་དཔྱད་མོལ་ཡོངས་བསྒྲགས།ཤང་གྲོང་གིས་ཞིབ་བཤེར་བྱས་རྗེས།རྫོང་རིམ་པའི་ཆོག་མཆན་ཐོབ་ནས་་སྤྱི་བསྒྲགས་བྱས་རྗེས་དབུལ་འགོག་བྱ་ཡུལ་ལས་ཕྱིར་འཐེན་རྒྱུ་ཡིན།
4.དབུལ་འགོག་བྱ་ཡུལ་གོ་རིམ་ལྟར་ཕྱིར་འཐེན་བྱས་རྗེས་གཙོ་གནད་ལྟ་ཞིབ་ཚད་ལེན་དང་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་མི་བྱེད།གལ་ཏེ་རྗེས་མཐུད་ཁྱིམ་ཚང་དབུལ་འགྱུར་གྱི་་ཉེན་ཁ་གསར་པ་ཐོན་ཚེ་རེ་ཞུ་བྱས་རྗེས་གོ་རིམ་ལྟར་ལྷར་ཡང་དབུལ་འགོག་བྱ་ཡུལ་དུ་གཏན་འཁེལ་བྱེད་ཆོག
མང་ཚོགས་རྣམས་ཀྱིས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་དབུལ་ཕོངས་བསྐྱར་ལོག་དང་དབུལའགྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་ན་དཀའ་ངལ་དང་གནད་དོན་འཕྲད་རིགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད།རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་རྣམ་པས་རང་སྟོབས་རང་སྤེལ་དང་དྲིན་ཚོར་ཡར་བརྩོན་གྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་བྱས་ན་འཚོ་བ་སྔར་བས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ནི་ང་ཚོའི་རེ་བ་ཡིན།
热门跟贴