沿街小商铺、小饭店等

“九小场所”点多量大

为大家的衣食住行提供了便利

但由于这类场所容易出现

可燃物多、火源管理差、“三合一”等问题

“小场所”可能会发生大事故

“九小场所”消防安全提示

དོ་ར་ཆུང་གྲས་དགུའི་མེ་ཟོན་བདེ་འཇགས་དྲན་སྐུལ།

1 进入沿街门店和“九小场所”时,注意消防安全。不要吸烟,不要使用明火。

༡་ ལམ་རྒྱུད་ཀྱི་ཚོང་ཁང་དང་དོ་ར་ཆུང་གྲས་དགུ་ལ་འཛུལ་སྐབས་མེ་ཟོན་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཐ་མག་འཐེན་མི་ཆོག་ལ་ མེ་བེད་སྤྱོད་བྱེད་མི་ཆོག

2 留意逃生路线、安全出口的具体位置,如遇火灾,按疏散指示标志和消防应急广播,以及现场工作人员的引导,正确、快速、有序地疏散和自救。

༢་ སྲོག་ཐར་བགྲོད་ལམ་དང་བདེ་འཇགས་ཐོན་སྒོའི་ཞིབ་ཕྲའི་གནས་སར་ཡིད་འཇོག་བྱེད་དགོས་ཤིང་ གལ་སྲིད་མེ་སྐྱོན་བྱུང་ཚེ་ཁ་འགྲེམ་ལམ་བུའི་བརྡ་རྟགས་དང་མེ་ཟོན་སྟབས་བསྟུན་རྒྱང་བསྒྲགས། དེ་བཞིན་ས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་སྣེ་ཁྲིད་འོག་ཡང་དག་པ་དང་མགྱོགས་མྱུར། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཁ་འགྲེམ་དང་རང་སྐྱོབ་བྱེད་དགོས།

3 留意消防设施器材、逃生设备放置位置和使用方法,如遇火灾,请正确使用,确保安全。

༣་ མེ་ཟོན་སྒྲིག་བཀོད་དང་སྲོག་ཐར་སྒྲིག་ཆས་འཇོག་སར་ཡིད་འཇོག་བྱེད་དགོས་ཤིང་གལ་སྲིད་མེ་སྐྱོན་བྱུང་ཚེ་ཡང་དག་པའི་སྒོ་ནས་སྒྲིག་ཆས་བེད་སྤྱོད་བྱས་ཏེ་བདེ་འཇགས་འགན་སྲུང་ཡོང་བ་བྱེད་དགོས།

“九小场所”发生火灾后如何逃生

དོ་ར་ཆུང་གྲས་དགུར་མེ་སྐྱོན་བྱུང་ཚེ་གང་འདྲ་བྱས་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས་སམ།

1 保持镇静

发生火灾后,要保持镇静,选择正确的逃生路径,切勿盲目、慌张。

༡་ སེམས་རྣལ་དུ་ཕབ་དགོས།

མེ་སྐྱོན་བྱུང་རྗེས་སེམས་རྣལ་དུ་ཕབ་དགོས་ཤིང་ཡང་དག་པའི་སྲོག་ཐར་ལམ་བུ་གདམས་ཁ་བྱེད་དགོས་པ་ལས་རྨོངས་ཚོད་དང་དངངས་སྐྲག་བྱེད་རྒྱུ་མེད།

2 勿恋财物

身处火场,应尽快撤离,切勿贪恋财物耽误逃生时机。已经逃离火场的人员,切莫重返。

༢་ རྒྱུ་ནོར་ལ་ཞེན་ཆགས་བྱེད་མི་རུང་།

མེ་ཤོར་སར་ལུས་སྐབས་གང་མགྱོགས་ཁ་བྲལ་དགོས་པ་ལས་རྒྱུ་ནོར་ལ་ཞེན་ཆགས་ནས་སྲོག་ཉེན་ལས་ཐར་བ་བྱེད་པའི་གོ་སྐབས་ཤོར་མི་རུང་། མེ་ཤོར་ས་ནས་ཁ་བྲལ་ཚར་བའི་མི་སྣ་ཡང་སྐྱར་མེ་ཤོར་སར་འགྲོ་མི་རུང་།

3 躲避烟雾

逃生时谨记“小火快逃”,发生火灾迅速逃生。要弯腰低姿,呼吸困难时也不要轻易将毛巾拿开。

༣་ དུ་བ་ལས་གཡོལ་དགོས་པ།

སྲོག་ཉེན་ལས་ཐར་ཐབས་བྱེད་སྐབས་ངེས་པར་དུ་མེ་ཆུང་དུས་ནས་མགྱོགས་མྱུར་བྲོས་དགོས་པ་སེམས་ལ་བཞག་སྟེ་གང་མགྱོགས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས། སྐེད་པ་སྒུར་ནས་འགྲོ་དགོས་པ་དང་དབུགས་རྔུབ་གཏོང་དཀའ་བའི་དུས་སུ་ལམ་སེང་ཨ་ཅོར་ཕར་འཁྱེར་མི་རུང་།

4 合理脱险

火源在上层时,楼梯内若无烟气,可佩戴简易逃生面罩或用湿毛巾捂住口鼻,迅速沿楼梯向下逃生,通过楼梯间时顺手关闭防火门,切勿乘坐电梯。

༤་ ལུགས་མཐུན་ངང་ཉེན་ཁ་ལས་ཐར་ཐབས་བྱེད་དགོས།

མེ་སྐྱོན་སྟེང་ལ་བྱུང་ནས་ཐེམ་སྐས་ནང་ངོས་སུ་དུ་བ་མེད་ཚེ་སྟབས་བདེའི་ངོ་ཁེབས་སམ་ཨ་ཅོར་རློན་པས་ཁ་སྣ་བཀག་སྟེ་གང་མགྱོགས་ཐེམ་སྐས་ཀྱི་ཕྱོགས་སུ་ཕྱིན་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས། ཐེམ་སྐས་ཀྱི་འགྲམ་དུ་སླེབས་སྐབས་ལག་ཞོར་དུ་མེ་འགོག་སྒོ་རྒྱག་དགོས་ཤིང་གློག་གི་སྐས་འཛེགས་ལ་རྩ་བ་ནས་སྡོད་མི་རུང་།

严格落实“七严禁”

གཏན་འགོག་བདུན་དོན་འཁྱོལ་ནན་པོ་བྱེད་དགོས།

1 严禁违规安装电器产品、燃气用具及其线路、管路,违章用火、用电、用气、用油。

༡་ སྒྲིག་འགལ་ངང་གློག་ཆས་ཐོན་རྗས་དང་འབར་རླངས་ཡོ་བྱད། གློག་སྐུད། སྦུ་གུ་སོགས་སྒྲིག་སྦྱོར་བྱེད་པ་དང་སྒྲིག་འགལ་ངང་མེ་དང་གློག སོལ་རླངས། སྣུམ་སོགས་བེད་སྤྱོད་བྱེད་རྒྱུ་གཏན་འགོག་བྱེད་དགོས།

2 严禁使用易燃或可燃材料夹芯板装修、隔断。

༢་ འབར་སླ་བ་བའི་རྒྱུ་ཆ་བྱས་པའི་བར་འཚང་པང་ལེབ་ཀྱིས་ཁང་པ་མཛེས་བཟོ་དང་བཅད་རྒྱག་པ་སོགས་བྱེད་རྒྱུ་གཏན་འགོག་བྱེད་དགོས།

3 严禁占用、堵塞、封闭疏散通道、安全出口,以及在外墙门窗设置铁栅栏、广告牌等影响逃生和灭火救援的障碍物。

༣་ ཁ་འགྲེམ་ལམ་བུ་དང་བདེ་འཇགས་ཐོན་སྒོ་བཟུང་སྤྱོད་དང་བཀག་པ། དེ་བཞིན་གྱང་གི་ཕྱི་ངོས་དང་སྒོ་སྒེའུ་ཁུང་སྟེང་ལྕགས་དྲ་དང་བརྡ་ཁྱབ་བྱང་བུ་སོགས་སྲོག་ཐར་དང་མེ་གསོད་རོགས་སྐྱོབ་ཀྱི་གེགས་བར་དངོས་པོ་སྒར་རྒྱུ་གཏན་འགོག་བྱེད་དགོས།

4 严禁在室内违规停放电动自行车或为电动自行车充电。

༤་ སྒྲིག་འགལ་ངང་ཁང་པའི་ནང་ངོས་སུ་གློག་སྒུལ་རྐང་འཁོར་འཇོག་པ་དང་གློག་གསོག་རྒྱུ་གཏན་འགོག་བྱེད་དགོས།

5 严禁损坏、挪用、圈占或者擅自拆除、停用消防设施、器材。

༥་ མེ་ཟོན་སྒྲིག་ཆས་གཏོར་བཤིག་དང་གཞན་སྤྱོད། བཅད་བཟུང་། རང་འཚམས་ངང་བཤིག་པ་དང་མེ་ཟོན་སྒྲིག་ཆས་དང་ཡོ་བྱད་སྤྱོད་མཚམས་འཇོགས་པ་སོགས་བྱེད་རྒྱུ་གཏན་འགོག་བྱེད་དགོས།

6 严禁违规设置人员住宿。

༦་ སྒྲིག་འགལ་ངང་མི་སྣ་ཞག་སྡོད་བྱེད་རྒྱུ་གཏན་འགོག་བྱེད་དགོས།

7 严禁在营业期间进行动火、焊割等有火灾危险性的作业

༧་ ལས་གཉེར་བྱེད་རིང་མེ་བེད་སྤྱོད་བྱེད་པ་དང་ཚ་ལ་རྒྱག་པ་སོགས་མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་ལྡན་པའི་ལས་ཀ་བྱེད་རྒྱུ་གཏན་འགོག་བྱེད་དགོས།།

▌内容来源: 西藏消防

▌编辑:陈欣

▌校对:德吉白珍

▌审核:郭歌